10595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ལས་བྱས་ལ་གནས་བཅུ་དྲུག་གིས་རྩོད་པ་ཞི་བར་བྱེད་ན། ཉེས་པར་ཞི་བ་ཡིན་པ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ།

1.དེས་དགེ་འདུན་རྣམས་ལ་གསོལ་བ་མ་བྱས་པར་གྱུར་པ། 2.རྒྱལ་བའི་བཀའ་དང་མི་མཐུན་པར་གྱུར་པ། 3.ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་མ་བསྒོ་བར་གྱུར་པ། 4.རྒོལ་བའི་དགེ་སློང་གིས་འདུལ་བ་ཉམས་པར་གྱུར་པ། 5.མ་དག་པའི་དགེ་སློང་གི་ཉེས་པ་བཙབས་པར་གྱུར་པ། 6.བྱུང་བ་མ་རུང་བར་གྱུར་པ། 7.བཅས་པ་མ་རུང་བར་གྱུར་པ། 8.རྗེས་སུ་བཅོས་པ་མ་རུང་བར་གྱུར་པ། 9.གནང་བ་མ་རུང་བར་གྱུར་པ། 10.རྗེས་སུ་གནང་བ་མ་རུང་བར་གྱུར་པ། 11.རྒོལ་བའི་དགེ་སློང་ཡི་དམ་འཆར་མ་བཅུག་པར་གྱུར་པ། 12.ལན་གློན་པའི་དགེ་སློང་ཡི་དམ་འཆར་མ་བཅུག་པར་གྱུར་པ། 13.མདོ་སྡེའི་ཚིག་མ་རུང་བར་གྱུར་པ། 14.འདུལ་བ་དང་མི་མཐུན་པར་གྱུར་པ། 15.ཆོས་ཀྱི་མིག་རྒྱས་པར་མ་གྱུར་པ། 16.ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པ་བསྟན་པ་དེ་ལྟ་བུར་རྩོད་པ་ཞི་བར་མ་གྱུར་པ་བཅས་སོ། །

Tibetan Source 《འདུལ་བ་པ་པ་》ཤཱ་101ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number